失眠网,内容丰富有趣,生活中的好帮手!
失眠网 > 西郊客运站搬迁公告

西郊客运站搬迁公告

时间:2019-10-18 14:15:25

相关推荐

西郊客运站搬迁公告

ནུབ་འདབས་འགྲུལ་སྐྱེལ་འབབ་ཚུགས་གནས་སྤོ་བྱ་རྒྱུའི་སྤྱི་བསྒྲགས།

གྲོང་ཁྱེར་གྱི་སྣང་བརྙན་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་ནང་ཁུལ་གྱི་འགྲིམ་འགྲུལ་འགག་ཉུང་དུ་གཏོང་བ། འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་ཡོང་བ། གཞུང་ལམ་སྐྱེལ་འདྲེན་ཞབས་ཞུའི་ནུས་པ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་གྲོང་མི་རྣམས་ལ་བདེ་འཇགས་ཐོག་ཕྱིར་ཐོན་དང་རླངས་འཁོར་སྒུག་སྡོད་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། བཅིངས་འགྲོལ་ནུབ་ལམ་དུ་གནས་པའི་ནུབ་འདབས་འགྲུལ་སྐྱེལ་རླངས་འཁོར་འབབ་ཚུགས་ཁྱོན་ཡོངས་གནས་སྤོ་བྱ་རྒྱུ་ཡིན་པས་ད་ལྟ་འབྲེལ་ཡོད་གནད་དོན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ་ལྟར།

གཅིག ༢༠༢༠ལོའི་ཟླ་༦ཚེས་༣༠ཉིན་ནས་བཟུང་ནུབ་འདབས་འགྲུལ་སྐྱེལ་རླངས་འཁོར་འབབ་ཚུགས་དངོས་སུ་སྒོ་བརྒྱབ་ནས་གཉེར་སྐྱོང་བྱེད་མཚམས་འཇོག་རྒྱུ་ཡིན།

གཉིས། དེ་སྔའི་ནུབ་འདབས་འགྲུལ་སྐྱེལ་རླངས་འཁོར་འབབ་ཚུགས་ཀྱི་འགྲུལ་སྐྱེལ་འཁོར་རིགས་ཚང་མ་སྣེའུ་རླངས་འཁོར་འབབ་ཚུགས་དང་བྱང་འདབས་འགྲུལ་སྐྱེལ་རླངས་འཁོར་འབབ་ཚུགས་སུ་ཁག་བགོས་བྱ་རྒྱུ་ཡིན་པས། ཁག་བགོས་གནས་ཚུལ་ཞིབ་ཕྲ་ནི། དེ་སྔའི་ལྷ་ས་ནས་ལྷོ་ཁ་དང་། ལྷ་ས་ནས་ཉིང་ཁྲི། ལྷ་ས་ནས་རྒྱལ་རྩེ། ལྷ་ས་ནས་སྨན་གླིང་བཅས་ཀྱི་ལམ་ཐིག་སྣེའུ་རླངས་འཁོར་འབབ་ཚུགས་སུ་ལེགས་སྒྲིག་བྱས་ནས་རླངས་འཁོར་གཏོང་རྒྱུ་ཡིན། ལྷ་ས་ནས་གཞིས་རྩེ་དང་། ལྷ་ས་ནས་ནག་ཆུའི་ལམ་ཐིག་བྱང་འདབས་འགྲུལ་སྐྱེལ་རླངས་འཁོར་འབབ་ཚུགས་སུ་ལེགས་སྒྲིག་བྱས་ནས་རླངས་འཁོར་གཏོང་རྒྱུ་ཡིན།

གསུམ། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་འགྲིམ་འགྲུལ་ཚོགས་པའི་སྤྱི་སྤྱོད་རླངས་འཁོར་ཀུང་སིས་ད་ཡོད་སྤྱི་སྤྱོད་རླངས་འཁོར་ལམ་ཐིག་གཞིར་བཟུང་། ནུབ་འདབས་འགྲུལ་སྐྱེལ་རླངས་འཁོར་འབབ་ཚུགས་གནས་སྤོ་བྱེད་རིང་བར་སྐྱེལ་རླངས་འཁོར་བཀོད་སྒྲིག་དང་། ལམ་ཐིག་མང་དུ་གཏོང་བ། ས་ཡུལ་དངོས་ལ་ཁྲིད་སྟོན་བྱེད་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། རྒྱ་ཆེའི་ཡུལ་སྐོར་བའི་དགོས་མཁོ་སྐོང་གང་ཐུབ་བྱ་རྒྱུ་ཡིན།

བཞི། ཡུལ་སྐོར་བས་རང་ངོས་ཀྱི་འགྲོ་སྐྱོད་དགོས་མཁོ་དང་འཚམ་པའི་འགྲུལ་སྐྱེལ་འབབ་ཚུགས་སུ་སྐྱོད་དེ་འགྲུལ་སྐྱེལ་རླངས་འཁོར་ལ་ཞུགས་དགོས་པ་དང་འགྲོ་སྐྱོད་བདེ་འཇགས་འགན་ལེན་ཡོང་ཆེད་ནག་འཁོར་ལ་ཞུགས་མི་རུང་།

དེ་དོན་དམིགས་སུ་སྤྱི་བསྒྲགས་བྱ་རྒྱུ།

ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུད།

༢༠༢༠ལོའི་ཟླ་༦ཚེས་༡༡ཉིན།

西郊客运站搬迁公告

为提升城市形象,缓解城区交通,规范交通运输市场秩序,完善道路运输服务功能,给广大市民创造一个良好安全的出行候车环境。根据政府工作部署,将位于金珠西路的西郊客运站实施整体搬迁。现就有关事项公告如下:

一、自6月30日起,西郊客运站将正式关闭,停止运营。

二、原进入西郊客运站所有客运车辆分流至柳梧汽车站和北郊客运站,具体分流情况:拉萨-山南、拉萨-林芝、拉萨-江孜、拉萨-米林线路调整至柳梧汽车站进行发班;拉萨-日喀则、拉萨-那曲线路调整至北郊客运站进行发班。

三、拉萨市公交集团公交公司根据现有公交线路,在西郊客运站搬迁过渡期将提供摆渡车、增开线路、现场引导等服务最大限度地满足广大旅客出行需求。

四、旅客可结合自身出行需求前往相应的客运站乘坐班线客车,为保证出行安全切勿乘坐“黑车”。

特此公告!

拉萨市交通运输局

6月11日

拉萨交警一直在身边 祝您一路享平安!


审核:晋美| 编辑:次央

来源:拉萨市交通运输局

如果觉得《西郊客运站搬迁公告》对你有帮助,请点赞、收藏,并留下你的观点哦!

本内容不代表本网观点和政治立场,如有侵犯你的权益请联系我们处理。
网友评论
网友评论仅供其表达个人看法,并不表明网站立场。